首页男歌手一生情缘伴奏_仁增太

一生情缘伴奏_仁增太

相关歌手专辑:仁增太

 
歌 词

作曲 : 仁增太
编曲 : 仁增太/周强加
སྣང་བའི་ཚེ་མདུད།
ཚིག    རུས་པ།
དབྱངས།  རིག་འཛིན་ཐར།
ལེན་མཁན། རིག་འཛིན་ཐར། ཆོས་སྐྱིད། བན་ཏེམཚོ།
རོལ་མོ། འབྲུག་ཆུང་རྒྱལ། སྒྲ་ལེན་དང་སྒྲ་ཞིབ་སྦྱོར། འབྲུག་ཆུང་རྒྱལ།
ཁྱེད་ཀྱི་བརྩེ་བ་གངས་རེད།
ང་ཡི་སྨོན་པ་སྤྲིན་ཡིན།
གངས་ལ་སྤྲིན་པ་འཁོར་ནས།
སྣང་བའི་ཚེ་མདུད་བརྒྱབ་ཡོང་།
བརྩེ་བ་ནི་གངས་རི་དཀར་པོ་རེད།།
དུངས་བ་ནི་སྤྲིན་དཀརབའཇམ་པོ་ཡིན།།
རླུང་བསེར་བུ་དལ་གྱིས་ལྡང་ཕྱོགས་གིས།
ལས་རི་མོ་གངས་ཀྱི་མདངས་ལ་ཐིམ།
ཁྱེད་ཀྱི་གཤིས་ཀ་བལ་རེད།
ང་ཡི་ཞེ་མདངས་་སྤུན་ཡིན།
རྒྱུ་སྤུན་གཅིག་གིས་བསླེས་པའི།
སེམས་ཀྱི་གཏད་སོ་གཞན་མེད།
དམ་ཚིག་ནི་རྡོ་ཡི་རི་མོ་རེད།
ཕྱི་ཐག་ནི་ཁ་བའི་མེ་ཏོག་ཡིན།
ལས་བག་ཆགས་སད་པའི་བརྩེ་བ་དེ།
ངའི་ཚེ་རབས་འདི་ཡི་ཚེ་མདུད་ཡིན།
ང་རང་སུ་ཡིན་མ་འདྲི།
ཁྱེད་ཀྱི་རྒྱབ་རི་དེ་ཡིན།
བརྩེ་བ་ལས་ཀྱིས་སྨིན་ནས།
ཐོད་པའི་ཁ་ཡིག་གྲུབ་སོང་།
འཁྲེང་ཞེན་ནི་ནམ་མཁའི་སྐར་མ་རེད།
སྨྲེང་བ་ནི་རྫ་མགོའི་སྨུག་པ་ཡིན།
སེམས་སྙི་མོ་ཡུན་གྱིས་འཁྲེངས་དེ།
ངའི་རྨི་ལམ་ནང་གི་ཚེ་མདུད་ཡིན།
མེད་ཀྱང་འཛིན་པས་མ་བོར།
ཚེ་འདི་ཁྱེད་ལ་བཅོལ་ཡོད།
འཇིག་རྟེན་གཤིབ་ཡུལ་འདི་ནས།
ཁྲེལ་གཞུང་ཆུ་མོས་བསྲིང་ཆོག
འཁོར་བ་ནི་འུ་གཉིས་རྒས་ཡུལ་རེད།།
རྨི་ལམ་ནི་དྲན་པའི་རྟོད་ཐག་ཡིན།།
སྤྲིན་དཀར་པོ་འཁོར་སའི་དགུང་སྔོན་ལ།
ངའི་རྨི་ལམ་ནང་གི་ཚེ་མདུད་བྲིས།

查看完整歌词
网友热评

Le615:好听

诺曾巴:伴奏真的好听

黑色街区Ft.Buzzy 困住freestyle(prod.EVOMUSIC)
相关歌曲