སྐྱིད་པོ་རི་ཡི་ལྷན་འཛོམས།(吉日相聚)_冰雪姐妹,丹贝尖参
吉日相聚
词:多智合
曲:丹贝尖参
演唱:冰雪姐妹/丹贝尖参
编曲:安果音乐
录音:关却达杰
后期制作:普巴甲
OP/SP:冰雪姐妹
སྐྱིད་པོ་རི་ཡི་ལྷན་འཛོམས།
ཚིག རྡོ་གྲགས།
གཅིག
ང་ཡོང་ཡོང་གངས་རིའི་འདབས་ནས་ཡོང་།
ངའི་མིང་ལ་གངས་ལྷ་མེ་ཏོག་ཟེར།
བཀྲ་ཤིས་པའི་རྟེན་འབྲེལ་འགྲིག་ནས་ཡོང་།
དོན་འགྲུབ་པའི་་ཁ་གཡང་ཁྱེར་ནས་ཡོང་།
ང་ཡོང་ཡོང་རྒྱ་རྫོང་ནགས་ནས་ཡོང་།
ངའི་མིང་ལ་ཁུ་བྱུག་སྔོན་མོ་ཟེར།
བཀྲ་ཤིས་པའི་གླུ་དབྱངས་ལེན་བཞིན་ཡོང་།
དོན་འགྲུབ་པའི་ཁ་གཡང་ཁྱེར་ནས་ཡོང་།
དུས་དེ་རིང་གནམ་ལོ་གསར་ཚེས་ལ།
གྲོགས་ང་ཚོ་འཛོམས་པས་དགའ་བ་ལ།
དུས་དེ་རིང་གནམ་ལོ་གསར་ཚེས་ལ།
གྲོགས་ང་ཚོ་འཛོམས་པས་དགའ་བ་ལ།
གཉིས།
ང་ཡོང་ཡོང་གཡང་ཁྱིམ་ནང་ནས་ཡོང་།
ངའི་མིང་ལ་གཡང་གི་བུ་ཆུང་ཟེར།
དྲིན་ཕ་མའི་གཡང་ནོར་ཁྱེར་ནས་ཡོང་།
ཁྱིམ་དྲོན་མོའི་གཡང་རྟེན་ཁྱེར་ནས་ཡོང་།
གླུ་སྙན་མོ་ངག་གི་མཆོད་པ་ཡིན།
ཁ་སྨོན་འདུན་སེམས་ཀྱི་མཆོད་པ་ཡིན།
གཏམ་ཀུ་རེ་ཡིད་ཀྱི་མཆོད་པ་ཡིན།
ལུས་རྒྱན་གོས་ལུས་ཀྱི་མཛེས་སྡུག་ཡིན།
དུས་དེ་རིང་གནམ་ལོ་གསར་ཚེས་ལ།
གྲོགས་ང་ཚོ་འཛོམས་པའི་དགའ་བ་ལ།
不做喵:我居然是一个么[笑了]
