Turquoise_尼玛乐队
歌 词
编曲 : 尼玛乐队
གཡུ་ཆུང་དྲུག་དཀར།
བུ་མོ་མེ་ཏོག་འདྲ་བ། །
མེ་ཏོག་པདྨར་འཁྲུངས་འདྲ།།
པདྨའི་འདབ་ལོ་དེ་ན།།
གཡུ་ཆུང་དྲུག་དཀར་བསྒྲིགས་ཡོད།།
པདྨའི་འདབ་ལོ་དེ་ན།།
གཡུ་ཆུང་དྲུག་དཀར་བསྒྲིགས་ཡོད།།
གཞིས་ཁྱིམ་དུང་བུ་དཀར་པོ། །
ཕུ་ནུ་མིང་སྲིང་འཛོམས་ས།།
མཁར་ཁའི་སྐྱ་ཀ་ཁྲ་མོ།།
གཡུ་ཆུང་དྲུག་དཀར་ཡིན་འདྲ།།
མཁར་ཁའི་སྐྱ་ཀ་ཁྲ་མོ།།
གཡུ་ཆུང་དྲུག་དཀར་ཡིན་འདྲ།།
མཚོ་མོ་ལྷ་མཚོ་ཕྱུག་མཚོ།།
ལྷ་བྱ་ཁྲུང་ཁྲུང་འཛོམས་ས།།
འཛོམས་པའི་སྣང་བ་འདི་ཡང་།།
གཡུ་ཆུང་དྲུག་དཀར་མ་རེད།།
འཛོམས་པའི་སྣང་བ་འདི་ཡང་།།
གཡུ་ཆུང་དྲུག་དཀར་མ་རེད།།
ནམ་མཁའ་འོད་ཀྱིས་ཁེངས་པ།།
སྐར་མ་སྨིན་དྲུག་ཤར་ཡོང་།།
སྐར་མ་སྨིན་དྲུག་དེ་ཚོ།།
གཡུ་ཆུང་དྲུག་དཀར་ཡིན་སོང་།།
སྐར་མ་སྨིན་དྲུག་དེ་ཚོ།།
གཡུ་ཆུང་དྲུག་དཀར་ཡིན་སོང་།།
གཡུ་ཆུང་དྲུག་དཀར་ཡིན་སོང་།།
གཡུ་ཆུང་དྲུག་དཀར་ཡིན་སོང་།།
查看完整歌词
网友热评
YungCurly:喜欢
季小童Stacey:扎西德勒
Tenzinlala:[云比心]
霁隆:太顶了赞赞赞
夏多哇:好听
