首页男歌手《取多》旦增松益_岗•拉贵

《取多》旦增松益_岗•拉贵

相关歌手专辑:岗•拉贵

 
歌 词

作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ཇུས་གཏོགས། ༽
ཚིག་གདངས་ བསྟན་འཛིན་སྲོང་ཡིད།
གཞས་པ་ བསྟན་འཛིན་སྲོང་ཡིད།
གཞས་ཚིག་བསྒྲིགས་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།
Intro
ཡོའུ་ལྷན་རྒྱས་སྐུ་ཁམས་བཟང་།
ཨ་ནི་དེ་རས་ཡང་ལའི།
ལྷན་རྒྱས་ཚོར་གཞས་ཤིག་འཕུལ་ཡས་ཡིན།
ཨ་ནི་ད་རེས་གཞས་འདིའི།
དམིགས་ཡུལ་གཙོ་བོ་འདི་ག་རེ་ཡིན་པ་ཟེར་ན།
ཨ་ནི་ངའི་རྒྱབ་ལ་རྨངས་རྨངས་རྨངས་ཟེར་དང་།
འོའུ་འོའུ་འོའུ་ཟེར་ལབ་བྱས་བཞུགས་མཁན།
ཁོ་རྣམ་ཚོར་འཕུལ་རྒྱུ་ཡིན།
གལ་སྲིད་ཁྱེད་རྣམ་ཚོས།
གཞས་འདི་སྙན་པོ་འདུག་བསམ་བསམ་ར་འདུག་ན།
ཐུགས་སྤྲོ་པོའི་ངང་ནས་གསན་རོགས་གནང་།
གལ་སྲིད་སྙན་པོ་མི་འདུགབསམ་བསམ་ར་འདུག་ན།
ཨམ་ཅོག་གཅིག་ནས་ཉན།གཅིག་ནས་གློད་རོགས་གནང་།
འོ་ཐུགས་རྗས་གནང་།
Verse-1
ད་ལྟོས་དང་སྤྱི་ཚོགས་འདིར་ཡ།
བལྟ་བཟོ་འདི་བཟོ་ཡིན་པ་ར་ཅི་ག་རེ་འདུག།
ང་ནས་བྱས་བརྩིས་པའི་ཚང་མ་ལོགས།
མགོ་བརྡབ་ཚར་རྒྱུའོ་བཟོ་ར་མི་ནུག་གེ།
ཆེ་ཚོད་བྱས་སྟོན་མཁས་བྱས་ནའི།
དངོས་གནས་ཉན་མཁན་ག་ཚོད་ཅིག་འདུག།
འདིའི་ནང་ལོགས་སྡུག་ཅག་ལབ་མཁན་འདི་ཚོ་ལའི།
ཇུས་གཏོགས་ཚ་པོ་ར་ཅི་མི་འདུག་གེ།
མཚམས་མཚམས་ལ་ང་ཁོང་ཁྲོ་ཅིག་ཟ་དུས།
ཁྱེད་ཚོར་ཡ་གནག་པོ་ཅིག་ལབ་དགོས་ཏ་བསམ་གྱིས་ཏའི།
ཡིན་ནའི་ལའི་ཁ་ཐུག་ལབ་ན།
ཆུ་ཚད་མེད་རྒྱུའོ་བཟོ་འདྲས་ཤིག་མཐོང་གི།
དེ་ལས་ཏ་སྙིང་ནད་ཡོད་ཚད་ལོགས།
གཞས་ནང་བྲིས་བྱས་བཏང་བྱས་བཞག་ནའི།
ལབ་ཕིང་བཟས་པའི་བཟོ་འདྲས།
མི་ཚང་མས་ཁ་ཚ་པོ་ཡོད་ནའི་ལའི།
ཨུ་ཚུགས་བརྒྱབ་བྱས་བཟའ་གི་རེད།
མི་ཚེའི་ནང་སུམ་ཆ་གཉིས་ཙམ།
ཁ་ཁོ་ར་བརྡར་བྱས་མ་བསྡད་ཨོང་ཀོག།
དིང་བརྣག་པོ་ཅིག་འཁྱེར་བྱས།
གཞན་དག་གི་ལམ་ཁ་བཀག་ནའི།
ཆོ་ཡོག་མ་རེད།
ང་ཨ་མས་རང་ལ་སྔོན་མ་མི་བྱེད་ཡས་ཀྱི།
སློབ་གསོ་རྒྱག་མྱོང་མེད་ནའི་གལ་ཡོག་མ་རེད།
ད་རེས་གནས་ལུགས་འདི།
ངས་རང་གི་ཀླད་པའི་ནང་བླུག་ཐུབ་པ་བྱས་ཀོང།
ང་རའི་འཚོ་བར་དཀའ་ངལ་འཕྲད་ན།
ཚང་མ་ང་རའི་ལས་རེད།རང་སོ་སོ་མ་འདོད་ན།
སོ་སོའི་ཚིགས་རྡོག་བཏོན་བྱས།འབ་བྲད་བརྒྱབ་སྡོད།
ག་རེ་ཡིན་པའི་ཁུལ་རེད།
སོ་སོས་འཇོན་ཡས་རྐང་ཏོག་གཅིག་མེད་པར།
བྱེད་མཁན་འདི་ཚོར་ལའི།
གཅིག་བྱས་མ་བྱས་ཀོ་བྱས་ཟེར།
རྫོགས་ཡས་མེད་པའི་ཇུས་གཏོགས་ར་བྱས།
HOOK
མིའི་ཐོག་ལ་དཀྲུངས་མ་བསྡད།
སོ་སོ་ཡག་ཙམ་བྱས།
འདི་སྣང་ལ་གྲོག་མ་གཅིག་སྐྱེ་བ་ཡིན་ནའི་ལའི།
ཇུས་གཏོགས་མེད།
Pre-Hook
གོ་ཐོས་ལ་QQདང།
སྐད་འཕྲིན་ནང་རྟག་པར་ལྡིང་སྐོར་རྒྱབ་བྱས།
འཛམ་གླིང་ཇུས་གཏོགས་བྱེད་ཡས་འདི་མ་གཞན།
གཞན་དག་ཁྱོད་ཚོར་འཇོན་ཐང་སྟོན་ཡས་ག་གལ་སྟོན་ཡས་མེད་པེ།Brighཇུས་གཏོགས།
ངའི་རྐུབ་ལ་རྒྱུགས་མ་བསྡད།གཞུག་གུ་རིལད་རིལད་བྱས།
ང་ལ་ནི་ཁྱེད་ཚོར་སྤྲས་ཡས།གཞས་འདི་མ་གཞན་ག་གལ་མེད།
Brigh
གཞན་ལ་བལྟ་བའི་མིག་ཡོད་ཀྱང་།
རང་ལ་བལྟ་བའི་མེ་ལོང་དགོས།
ང་རྒྱལ་ཁོང་ཁྲོ་དོན་མེད་སྟོང་པ་རེད།
ཁོང་ཁྲོ་དབང་དུ་བསྡུས་ན་མཁས་པའི་རྟགས་རེད་གདའ།
Verse-2
འོ།  ཆོ་མེད་ཀྱོ་གནས་ཚུལ་མང་པོ།
ར་ཅི་གོ་གི་ཏའི་ལའི་བྱེད་ཡས་ཟེར་མི་འདུག།
མ་ཉན་དགོས་བསམ་ནའི་སེམས་ཐག་རེད་ཤག།
ཨམ་ཅོག་ནང་ལོགས་ལ་འཛུལ་ར་ཅི་ཡོང་གི་འདུག།
ཕན་ཐོགས་པའི་སྐད་ཆ་བཤད་མཁན་དང་།
དཀའ་ངལ་འཕྲད་དུས་རོགས་པ་བྱེད་མཁན་འདི།
དགོས་སར་ཆད་བྱས།
མི་དགོས་སར་ཐོལ་བྱས།
མཚམས་མཚམས་དངོས་གནས།
འུ་ཁོ་ར་ཐུག་གི་འདུག།
མིག་མདུན་ལ་ཁ་ཡའི་སྙན་པོ་ར་ཅི།
འཆམ་མདོག་ཁ་པོ་ར་ཅི།
ཞི་མིའི་བཟོ་ར་བྱས།
ལབ་ལབ་གཅིག་བཏང་དུས།
ཧ་ལམ་ཏ་མ་སོང་ནའི།
བུ་ལོན་ཆད་བྱས་མ་སྤྲད་པའི་བཟོ་ར་ཅི།
ཇུས་གཏོགས་ལ་གཞས་གཅིག་བཟོས་བྱས།
ད་ག་ཟེར་དྲ་ཐོག་ལ་བླུགས་པའི་ནི།
སྐར་མ་གཅིག་ཡེ་མ་ཕྱིན་པར།
འོག་ལ་ཁུངས་ལུང་མེད་རྒྱུ་ལུང་པ་གང་བྲིས་ཤག།
དྲང་པོ་ཡིན་ཏོག་མའི་མིག་རིལ་འདི།
གང་བྱུང་མང་བྱུང་ག་ས་ག་ལ།
ལྡིར་བྱས་མ་བསྡད་པ་བྱས།
དུས་ཚོད་ཡོད་ན།
ཤེལ་སྒོའི་ནང་ལོགས་ལ་བལྟ་ཙམ་བྱས།
གཅིག་བྱས་ན།
ཁྱོད་ཚོའི་གདོང་པགས་འདི་མཐོང་དུས།
གདོང་འདྲེ་ཡེ་ཞེད་འབྲོ་གི་མེད་འགྲོ།
བརླག་འགྲོ་གི་མེད་འགྲོ།
འཁུམས་འབྲོ་གི་མེད་འགྲོ།
ཡང་མིན་ན་སྐྱུག་མེར་ལངས་ཀྱི་མེད་འགྲོ།
ཟེ་མ་ར་མགོ་ཁྱོད་ཚོའི་བཟོ་འདྲས་འདི།
མི་ཡུལ་ལ་སླེབས་ནའི་ལའི།
ཐོལ་པ་རེད་ཤག།
བཟོ་བཅོས་རེད་ཤག།
ལོག་རྒྱུགས།
མར་དམྱལ་ལའི་ནང་མགོ་གཏུམས་བརྒྱུས་སྡོད།
མ་གཞི་བྱས་ན་མི་ལུས་ར་ཅི་བླངས་བྱས།
འཚོ་བ་ར་ཅི་སྐྱལ་བྱས་བསྡད་མཁས་བྱས་ནའི།
ངའི་མིག་ནང་ཁྱོད་ཚོའི་གྲས་ཀ་འདི།
སྐྱག་པ་བཟའ་མཁན་གྱི་ཁྱི་དང་ཆ་རེད།
Brigh
མིའི་ཐོག་ལ་དཀྲུངས་མ་བསྡད།
སོ་སོ་ཡག་ཙམ་བྱས།
འདི་སྣང་ལ་གྲོག་མ་གཅིག་སྐྱེ་བ་ཡིན་ནའི་ལའི།
ཇུས་གཏོགས་མེད།
Hook
གོ་ཐོས་ལ་QQདང་།
སྐད་འཕྲིན་ནང་རྟག་པར་ལྡིང་སྐོར་རྒྱབ་བྱས།
འཛམ་གླིང་ཇུས་གཏོགས་བྱེད་ཡས་འདི་མ་གཞན།
གཞན་དག་ཁྱོད་ཚོར།
འཇོན་ཐང་སྟོན་ཡས་ག་གལ་སྟོན་ཡས་མེད་པེ།
ཇུས་གཏོགས།
ངའི་རྐུབ་ལ་རྒྱུགས་མ་བསྡད།
གཞུག་གུ་རིལད་རིལད་བྱས།
ང་ལ་ནི་ཁྱེད་ཚོར་སྤྲས་ཡས།
གཞས་འདི་མ་གཞན་ག་གལ་མེད།
རང་གིས་མ་ཤེས་མི་ལ་བཤད་བྱས་བསྡད།
རང་སྐྱོན་མ་མཐོང་གཞན་སྐྱོན་མཐོང་བྱས་བསྡད།
ང་ལ་བླ་མའི་ཐུགས་རྗེའི་སྤྱན་གྱིས་གཟིགས།
ལྟས་ཀྱེ་དེ་ཀས་མྱུར་ཏུ་སྐྱོབ་པར་མཛོད།
Verse-3
མ་གཞི་ནས་བསམ་བློ་གཅིག་ཐོངས་དང་།
མིའི་མི་ཚེ་ཟེར་ཡས་འདི།
ཁྱད་མཚར་རེད་མི་འདུག་གེ།
གཅིག་སྐབས་དུས་ཡག་པོ་ཡོང་གི་རེད།
སྡུག་ཅག་ཡོང་གི་རེད།
རླུང་རྟའི་ཆགས་ཀྱི་རེད།
འདིའི་སྒང་ལ་བསམ་བློ་མ་བཏང་པ་བྱས།
ལས་ཀ་འདྲ་མི་འདྲ་འདི་མང་པོ་ར་བྱེད་ཏ།
བྱས་ཚར་དུས་སེམས་པ་སྐྱོ་གི་རེད།
འགྱོད་པ་སྐྱེ་གི་རེད།
གཅིག་པོར་ནག་ཁུང་ནང་།
འགྲོ་བསྡད་པའི་བཟོ་ར་ཅི།
དིང་སང་གི་སྤྱི་ཚོགས་ནང་ལོགས་ལ།
འཚོ་བ་སྐྱེལ་ཡས་ལས་སླ་པོ་མི་འདུག།
བློས་སྐྱེལ་སའི་མི་གཅིག་ཡིན་ཨ།
བསམ་མཁན་འདི་ཚོར་ལའི་ཡིད་ཆེས་ཡས་མི་འདུག།
བློ་བསྟན་སའི་གྲོགས་པོ་ཡིན་ཨ།
བསམ་མཁན་འདི་ཚོ་ལའི་བལྟ་ཡས་ཟེར་མི་འདུག།
སེམས་སྟེན་སའི་དགའ་རོགས་ཡིན་ནའི་ལའི།
གཟབ་གཟབ་མ་བྱས་ན།
དུག་ཁོ་ར་སྟེར་གྱི་འདུགད་བྱས་ཙང་མི་ཟེར་ཡས་འདི།
ནོར་འཁྲུལ་མ་ཤོར་པ་ཡོང་སྲིད་ཀྱི་མ་རེད།
བྱ་བ་ག་རེ་བྱས་པ་ཡིན་ནའི།
ཚང་མར་དཀའ་ལས་མེད་པ་མ་རེད།
ནོར་འཁྲུལ་གཅིག་རྒྱབ་ལོགས་ལ།
ག་དུས་ཡིན་ནའི་དོན་བྱས་བསྡད་ཀྱི་རེད།
ཁོ་ཚོར་ཡ་བགད་མོ་བགད་བྱས།
མུ་མཐུད་འགྲོ་ཡས་འདི།
ཐབས་ཤེས་ཡག་ཤོས་འདི་རེད།
Brigh
མིའི་ཐོག་ལ་དཀྲུངས་མ་བསྡད།
སོ་སོ་ཡག་ཙམ་བྱས།
འདི་སྣང་ལ་གྲོག་མ་གཅིག་སྐྱེ་བ་ཡིན་ནའི་ལའི།
ཇུས་གཏོགས་མེད།
གོ་ཐོས་ལ་QQདང་།
སྐད་འཕྲིན་ནང་རྟག་པར་ལྡིང་སྐོར་རྒྱབ་བྱས།
འཛམ་གླིང་ཇུས་གཏོགས་བྱེད་ཡས་འདི་མ་གཞན་གཞན་དག་ཁྱོད་ཚོར།
འཇོན་ཐང་སྟོན་ཡས་ག་གལ་སྟོན་ཡས་མེད་པེ།
ངའི་རྐུབ་ལ་རྒྱུགས་མ་བསྡད།
གཞུག་གུ་རིལད་རིལད་བྱས།
ང་ལ་ནི་ཁྱེད་ཚོར་སྤྲས་ཡས།གཞས་འདི་མ་གཞན་ག་གལ་མེད།
བསྟན་འཛིན་སྲོང་ཡིད་སྨྱོ་བའི་སྨྱོ་གཏམ་རེད།
ཉན་དང་མ་ཉན་སོ་སོའི་འདོད་པ་རེད་གདའ།ཧ་གོ་སོང་ངེ་།
ཨཱ།
歌词大意:大家好给大家献上一首歌。这次这首歌。这个主要目的是什么?叫我后背伤痕累累吧。“呜呜呜”的客人。他要升天了。要是你们。这首歌很好听。请愉快地聆听。要是不好听,想的话。请先放手。谢谢。Verse-1现在看看这个社会啊。看看这是怎么回事,我算的都回来了。撞到头了,工场也不坏。真的有多少人在听,这里面说这些坏话的。别管闲事。有时候我生气的时候。你们真可恶。但说实话。看到一个没有水平的人造的东西,然后所有的心脏疾病。把它写进歌里,像吃了吐痰的样子。每个人都喜欢辣的。硬要吃。

查看完整歌词
网友热评

雾漫漫by:好听[很棒][很棒][很棒][很棒][很棒][很棒]

万事顺珍:

精神世界拾荒者:有24Carlos8:居然没人?[爆笑]

-SuoLangZhaxi-:依旧顶级

24Carlos8:居然没人?[爆笑]

《洁白的哈达》昂旺登真 《祈祷》白玛欧珠
相关歌曲