出阁弦语_三佰东主
作曲 : 三佰东主
编曲 : 三佰东主
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།
出阁弦语
ཚིག་རྩོམ་མཁན། ཚྭ་རྡེའུ།
作词:查德
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
作曲:三佰东主
ལེན་མཁན། བསམ་པའི་དོན་འགྲུབ།
演唱:三佰东主
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
ལན་ཆུང་སྐྲ་ལོའི་སྣེ་ལ་ཁ་བཏགས་འདོགས།།
ཨ་འཇམ་ཚར་དཀར་ཨ་ལོང་སྟོང་འཁྱིལ་བསྐོན།།
གོང་ཆེན་གོས་ཕྲུག་རིང་ཐུང་བཅོ་བརྒྱད་བཟོ།།
སྲིང་ཆུང་མ། སྲིང་ཆུང་མ།
སག་ལྷམ་འཇའ་དྲུག་རི་མོར་འོད་མདངས་འཕུད།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
དབུས་གཙང་ཡུལ་ནས་གཡུ་བྱུར་ཁལ་གང་ཉོ།།
སྟོང་སྐོར་ཁོག་ནས་ཅ་ལ་རྡང་གང་བསལ།།
ཕྲག་དུང་བཀྲ་ཤིས་འཁྱིལ་བ་སྒམ་ནས་ལེན།།
སྲིང་ཆུང་མ། སྲིང་ཆུང་མ།
དཀྱིལ་དུང་གཡུང་དྲུང་སྒོ་བཞི་མཛོད་ནས་སྟེར།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
བག་རྟ་གྱི་ལིང་བཟུང་ནས་གསེར་སྒ་བསྟོད།།
དངུལ་སྲབ་སྐར་མའི་སྟེང་ལ་གཡུ་ཕྲ་འཇོག།
ཤོམ་ཆེན་མ་དང་སྲུ་མོས་ཁ་གཡང་འབོད།།
སྲིང་ཆུང་མ། སྲིང་ཆུང་མ།
མིང་པོ་སྟག་ཁྱུ་གཟིག་ཁྱུས་སྐྱེལ་མ་བྱེད།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
ཁིས་ལུང་སྟོད་སྨད་གསུམ་ནས་ཇ་ཐབ་འཛིན།།
དྲི་སྐུལ་བརྒྱ་ཡི་ཁུགས་ནས་མཆོད་ཁ་འཕེན།།
བལ་འཇམ་གདན་ཆའི་སྟེང་ནས་འབབ་ཁ་ཞུ།།
སྲིང་ཆུང་མ། སྲིང་ཆུང་མ།
སྡེ་རུ་ཕྱི་ནང་གཉིས་ནས་སྟོན་ཆེན་འགྱོག།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
སྲིང་ཆུང་མ་ངུ་སྲིང་ཆུང་གནས་ལ་འགྲོ།།
触若手仙:每个人心中都有自己喜欢的一些音律音符音乐这些都是跟每个人的心情情绪息息相关着音乐往往会给人带来不一样的感受通过旋律通过词通过语言的表达传送给听众的一种情感这情感听者因人而异每个人都会对它有独特的感触及理解这正是音乐的美妙之处
孟想成贞6:差点因为前奏划走了,一看三佰又往后划了一下,结果,哇塞[超好听]
SdBm耶:好听的很[心动][心动][心动][心动][心动][心动][心动][心动]
好爱吃黑巧:求翻译[笑了]
CLRQ_:谁的妈这么能说
