ནོར་བུ་བཟང་པོ།_三佰东主
作曲 : 三佰东主
ནོར་བུ་བཟང་པོ།
ཚིག་རྩོམ་མཁན། ཉི་མས་བཞད།
དབྱངས་རྩོམ་མཁན། བསམ་པའི་དོན་འགྲུབ།
གཞས་མཁན། བསམ་པའི་དོན་འགྲུབ།
རོལ་མོ། ཤེར་བྷ།
སྒྲ་ལེན་མཁན། པདྨ།
སྒྲ་ཞིབ་སྦྱོར། ལི་ཁྲིན་ཅང་།
ནོར་བུ་བཟང་པོས་རྒྱལ་ཁམས་འགྲིམས་ནས་ཕེབས།།
ཁྱུང་དཀར་མཛོ་ལ་གསེར་དངུལ་གཡུ་བྱུར་བཀལ།།
སྨུག་ཆུང་དྲེལ་ལ་གོས་ཕྲུག་ཐེར་མ་འགེལ།།
བྱོན་པ་ལེགས་སོང་རྡོ་རྗེ་བྲག་རྩར་སླེབས།།
རྡོ་རྗེ་བྲག་རྩར་ལྷ་ཤིང་ཤུག་པ་འཁྲུངས།།
ལྷ་ཤིང་ཤུག་པའི་ལྷ་བསང་དཀར་པོ་བཏང་།།
ལྷ་བསང་དཀར་པོ་ནམ་མཁའི་དབྱིངས་སུ་ཁྱབ།
ཚེ་བསོད་དབང་ཐང་འབད་མེད་ལྷུན་གྱིས་གྲུབ།
ནོར་བུ་བཟང་པོས་ཆོལ་གསུམ་བསྐོར་ནས་ཕེབས།
རི་གསུམ་རྩེ་ལ་དགྲ་ལྷའི་ལབ་ཙེ་བསྟད།།
ལུང་གསུམ་མདོ་ལ་བསོད་ནམས་རྡེའུ་འབུམ་བརྩིགས།
བྱོན་པ་ལེགས་སོང་དཔལ་འབྱུང་རི་ལ་བྱོན།།
དཔལ་འབྱུང་རི་ལ་སྒྲོལ་མའི་རླུང་རྟ་བསྐྱོད།།
སྒྲོལ་མའི་རླུང་རྟའི་ངོ་སོ་ཡར་ལ་བསྟད།།
རླུང་རྟ་དཀར་པོ་ཨ་སྔོན་དབྱིངས་སུ་འཕུར།།
བསམ་པའི་དོན་ཀུན་ཡིད་ཀྱི་འདོད་བཞིན་འགྲུབ།།
ནོར་བུ་བཟང་པོས་རྒྱུ་འབྲས་བརྩི་བཞིན་ཕེབས།།
དཀར་པོ་ཆོས་ལ་བློ་སེམས་རྩེ་གཅིག་སྒོམ།།
དམ་ཚིག་གཙང་མས་དགེ་བའི་ལས་ལ་འབད།།
བྱོན་པ་ལེགས་སོང་ནོར་བཟང་གླིང་ཀར་བྱོན།
ནོར་བཟང་གླིང་ཀར་ཆོས་དུང་དཀར་པོ་སྒྲོག།
གཡས་འཁྱིལ་ཆོས་དུང་དཀར་པོས་སྡོང་གྲོགས་བསུ།།
རྟེན་འབྲེལ་ཆོས་དུང་མཐོན་མཐིང་དབྱིངས་སུ་གྲགས།།
སྙན་གྲགས་མཛད་འཕྲིན་དར་ཞིང་རྒྱས་པར་གྱུར།།
རྟེན་འབྲེལ་ཆོས་དུང་མཐོན་མཐིང་དབྱིངས་སུ་གྲགས།།
སྙན་གྲགས་མཛད་འཕྲིན་དར་ཞིང་རྒྱས་པར་གྱུར།།
黑不溜秋的鞋很耐看:喜旺是儿子吗怎么了我好多次见你评论了Pleiadeso:喜旺,老爸在这里,你能找到吗?
土球:
Pleiadeso:喜旺,老爸在这里,你能找到吗?
Snow_Lotus_Herb1376:您的每首歌特别好听,实力派歌手
gxzyc:太好听了
