《心灵的悲歌》热振格桑_岗•拉贵
作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ སེམས་ཀྱི་སྐྱོ་གླུ། ༽
《 心灵的悲歌 》
ཚིག་ རྒན་བསོད་ཚེ།
词:索次
དབྱངས་ རྭ་སྒྲེང་སྐལ་བཟང།
曲:热振格桑
གཞས་པ་ རྭ་སྒྲེང་སྐལ་བཟང།
歌手:热振格桑
གཞས་ཚིག་བསྒྲིག་བཟོ་འགྲེམ་སྤེལ་ སྒང་ · ལྷག་རྒོད།
歌词剪辑发布:岗 • 拉贵
ཇོ་མོ་གླང་མའི་རི་འདབས་ཐལ་བས་སྦགས།
珠穆朗玛峰的山脚被灰烬覆盖
ལ་སྟོད་ས་གཞིར་སྐྱོ་བའི་ན་བུན་འཁྲིགས།།
苦于地上的伤痛
གློ་བུར་ཐོག་ཏུ་བབས་པའི་གོད་ཆགས་འདིར།།
对于这场突如其来的灾难
མིག་མཐའ་མཆི་མས་བརླན་ཞིང་སྨྲེང་གླུ་ཤོར།།
眼眶湿润 失声歌唱
ཨོཾ་མ་ཎི་པདྨེ་ཧཱུྃ།།
阿弥陀佛
མིག་མཐའ་མཆི་མས་བརླན་ཞིང་སྨྲེང་གླུ་ཤོར།།
眼眶湿润 失声歌唱
༼མ་མཁས་ལྷག་བསམ་བཟང་པོའི་ཚིག་ཕྲེང་ལ། ༽
༼ ལྷད་མེད་སེམས་ཀྱིས་བསྐུལ་བའི་དབྱངས་ཞིག་སྦྱར།།༽
༼ཚེ་འདས་རྣམས་ལ་སྐྱེལ་མའི་གདུངས་དབྱངས་ལེན།།༽
༼ གསོན་པོ་རྣམས་ལ་བརྩེ་བའི་སེམས་གསོ་ཙམ། ༽
ཁང་ཁྱིམ་དྲོད་མོ་དམིགས་མེད་ཞིག་རལ་སོང།།
温暖的房子无缘无故地坏了
ཕ་མ་བུ་གསུམ་ཤི་གསོན་ལམ་གྱིས་བཅད།།
父母三子被生死断送
སྙིང་རྗེ་མེད་པའི་རང་བྱུང་གནོད་ཚེ་འདིར།།
在这场无情的自然灾害中
ང་ནི་འཁང་རའི་ཀློང་དུ་ཉིན་མཚན་འདས།།
我在牢骚中日日夜夜
ཨོཾ་མ་ཎི་པདྨེ་ཧཱུྃ།།
阿弥陀佛
ང་ནི་འཁང་རའི་ཀློང་དུ་ཉིན་མཚན་འདས།།
我在牢骚中日日夜夜
࿄࿄࿄࿄࿄
࿄࿄࿄࿄࿄
རང་ཁ་རང་གིས་གསོ་ཞིང་རང་ལག་འགུལ།།
自食其力,自食其力
རང་ནོར་རང་གིས་སྤྱད་དེ་རང་ཁྱིམ་སྐྱོང།།
自己错自己用自己养家
རང་རང་འཚོ་བ་རོལ་བའི་རི་གྲོང་དེར།།
在各自生活的山村
རང་བྱུང་ཁམས་ཀྱི་ཐུབ་ཚོད་བྱེད་དོན་ཅི།།
大自然为什么要欺负
ཨོཾ་མ་ཎི་པདྨེ་ཧཱུྃ།།
阿弥陀佛
རང་བྱུང་ཁམས་ཀྱི་ཐུབ་ཚོད་བྱེད་དོན་ཅི།།
大自然为什么要欺负
འགྲེམ་སྤེལ་ སྒང་ · ལྷག་རྒོད།།
宣发:岗 · 拉贵
ལ་སྟོད་མི་རྣམས་སེམས་ཕམ་མ་མཛད་རོགས།།
请大家不要灰心
དིང་རིའི་སྤུན་ཟླའི་བློ་སྟོབས་མ་ཉམས་རོགས།།
请不要辜负鼎立兄弟的信心
འདས་པོ་རྣམས་ལ་བསྔོ་སྨོན་ཡིག་དྲུག་ཡོད།།
对逝者的祝福有六个字
ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།།
对遗属们表示同情
ཨོཾ་མ་ཎི་པདྨེ་ཧཱུྃ།།
阿弥陀佛
ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།།
对遗属们表示同情
ཨོཾ་མ་ཎི་པདྨེ་ཧཱུྃ།།
阿弥陀佛
ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།།
对遗属们表示同情
滚动歌词贡献者:岗 • 拉贵
调整歌词贡献者:岗 • 拉贵
