《忆拉萨》旦增松益边次_岗•拉贵
作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ལྷ་ས་དྲན་གླུ། ༽
ཚིག་གདངས་ བསྟན་འཛིན་སྲོང་ཡིད་དང་སྤེན་ཚེ།
གཞས་པ་ བསྟན་འཛིན་སྲོང་ཡིད་དང་སྤེན་ཚེ།
གཞས་ཚིག་བསྒྲིགས་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།
Intro-hook
ང་གཉིས་སྐྱེ་ས་ཕ་ཡུལ་ཆོས་ལྡན་ཞིང་ཁམས་དེ།
འཛམ་གླིང་ཡུལ་གྲུ་ཀུན་ལས་མཛེས་པའི་གྲོང་ཁྱེར་ལྷ་ས།
ང་གཉིས་སྐྱེ་ས་ཕ་ཡུལ་ལྷ་ས་ཡིན་ནའི།
ད་ཆ་མི་ཡི་ལུང་པར་བསྡད་དུས་སེམས་པ་སྐྱོ་གི།
Verse-1
ཅོག་ད་ང་གཉིས་ལྷ་སར་མ་སླེབས་པར།
དུས་ཚོད་ག་ཚོད་ཕྱིན་མི་འདུག།
རང་ལྷ་ས་ག་འདྲས་ཡོད་མེད།
ད་དུང་སེམས་པའི་ནང་དྲན་གྱི་འདུག་གེ།
ད་ང་ནི་ཁ་ཤས་བརྗེད་བྱས།
ག་འདྲས་ཡོད་མེད་དྲན་གྱི་མི་འདུག།
མི་ལབ་དུས་མ་གཞན་དེ་འདྲས་ཤིག།
ཡོད་མེད་སེམས་པའི་ནང་འཁོར་གྱི་མི་འདུག།
ད་ཞག་ཏ་ལྷ་སར་རྦད་དེ་འགྱུར་ལྡོག་ཕྱིན་བྱས།
གསར་པ་བཟོས་བྱས།
ཡག་པོ་བྱས་མ་བསྡད་ན།
ང་གཉིས་ཀྱི་ཆུང་དུས་སྐབས་དུས་དེར།
བསྡད་ཁོ་ར་མི་འདུག།
བར་བསྐོར་ནང་ཁྲོམ་ཀྱག་དེ་ཀས།
ད་ད་ལྟ་མཐོང་ཡས་མི་འདུག།
ཟེར་ཡས་བྱས་ན་མཉམ་དུ་བཞག་བྱས།
ཁྲོམ་ར་ཆེན་པོ་ཞིག་བཟོས་པ་རེད་ཟེར་གྱི།
ཁྲོམ་ལ་ཉོ་ཅ་རྒྱག་གར་ཕྱིན་ན།
གོང་མཐོ་བ་ལ།
ཅོག་རང་མ་ཉོས་གོང་ནས།
དྲན་པ་འཐོར་གྱི་རེད་ཟེར།
རོགས་པ་ང་ལ་ཨེ་འདྲས་སེ་ལབ་ཀྱི།
ད་སྔོན་མ་ནང་བཞིན་བྱས།
འཁྱགས་པ་ལ་མོག་ཙེ་ལྔ་བྱས།
ཉོ་ཐུབ་ཡས་ཀྱི་དུས་ཚོད་འདི།
ད་ལྟ་མཐོང་ཡས་མེད་པའི་བཟོ་ར་ཞིག།
འགྲིམ་འགྲུལ་དང་འཚོ་བའི་ཐད་ལ།
ཡར་རྒྱས་ཞེད་པོ་ཅིག་ཕྱིན་བྱས།
བསམ་བློའི་ནང་ལ་ཡོད་པའི་ལྷ་ས་འདི་ལས།
ལྡབ་ཁ་ཤས་ཀྱིས་འཁྲུག་རུ་ཕྱིན་ཤག།
སྤྱི་ཚོགས་ལ་འགྱུར་བ་ཕྱིན་ནའི།
སེམས་དེར་འགྱུར་བ་ཕྱིན་མེད།
ང་རང་སྐྱེ་ས་ལྷ་ས་ཡིན་ལ།
མཇུག་མ་ཤི་སའང་ལྷ་ས་བྱེད་ཀྱི།
Hook
ཉིན་མཚན་མེད་པར་ང་ཡི་སེམས་པའི་ནང་དུ།
ཕ་ཡུལ་ལྷ་ས་དྲན་བྱས་མིག་ནས་མིག་ཆུ་ཤོར་གྱི།
པོ་ཏ་ལ་ཡི་མདུན་ནས་སྤོའོ་ལགས་རྨོའོ་ལགས་ཚོ།
ཞབས་བསྐོར་ཐད་དུས།
ཆུང་དུས་སྐབས་ཀྱི་འཚོ་བ་སྣ་ཚོགས་སེམས་ནང་དྲན་གྱི།
Verse-2
ཨོའོ།
གཅུང་པོ་རང་གིས་བཤད་པ་འདི་ཚོ།
ཚང་མ་ངས་ལའི་གོ་བྱུང་།
རང་གིས་གོ་བྱུང་ངེ།
ལྷ་སར་ད་དུང་ག་རེ་འགྱུར་མེད།
ཕྱི་རྒྱལ་གྱི་ཁ་ལག་དམིགས་བསལ།
ག་རེ་ཡིན་ནའི་ཡོག་རེད་ཟེར་གྱི།
དེས་མ་ཚད་KFCཅི་ཏ།
བོད་ལ་བཙུགས་བྱས་ཨོའུ་ཙམ་ཕྱིན་ཤག
ཡིན་ནའི་ལའི་བོད་ཐུག་དང་ལབ་ཕིང་གི་བྲོ་བ།
ད་གར་བསྡད་ཤག།
མི་ཚང་མས་ནམ་རྒྱུན་ནང་བཞིན།
བསྐོར་ར་ཚར་དུས་ཇ་མངར་མོ་བཏུངས་བསྡད།
འཚོ་བའི་སྒང་ལ་སྔོན་མ་ནང་བཞིན་མེད་པར།
བྲེལ་བ་ཚ་རུ་ཕྱིན་ཤག།
ཡིན་ནའི་ལའི་གཙུག་ལག་ཁང་གི་མདུན་གྱི།
བསང་འདི་མ་ཆད་པ་བཏང་བྱས།
འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད།
སྡུག་བསྔལ་གྱི་གནས་ལ་ཐར་བ་ཤོག་ཟེར།
སྨོན་ལམ་བརྒྱབ་བྱས་གསོལ་བ་བཏབ་བྱས།
ང་ཚོའི་མི་རིགས་ཀྱི་ཁྱད་ཆོས།
ད་དུང་ལའི་བསྡད་ཤག་ཟེར།
ལྷ་སར་ཁང་པ་རྫིག་པོ་མཐོ་པོ་དེ་འདྲ།
མང་པོ་བརྒྱབ་ཤག།
ས་ཁྲའི་ནང་ལྟོས་དང།
ཕོ་བྲང་དམར་པོའི་བརྗིད་ཉམས།
ད་གར་བསྡད་ཤག།
ཞབས་སྐོར་ལ་ཐེགས་མཁན་གྱི།
བགྲེས་སོང་ཁོང་རྣམ་ཚོའི་ཞབས་རྗེས།
མུ་མཐུད་རེད་ཤག།
འདིས་མ་ཚད་དེང་སང་གཞོན་ནུ།
ཆོས་སེམས་ཆེ་བ་ལ་སྔོན་མ་ལས་ལྷག་ག།
ང་གཉིས་ཀྱི་ཕ་ཡུལ་ལྷ་ས།
འཛམ་གླིང་གི་སྒང་ནས་སྐྱིད་ཤོས་རེད་ཤག།
ད་དངོས་གནས་ལོག་ན་མ་གཞན།
ལྷ་ས་དྲན་བྱས་མགྱོགས་པོ་སྨྱོ་བག།
Hook
མི་ཡི་ལུང་པ་སྐྱིད་པོ་ག་ཚོད་འདུག་བསམ་ནའི།
ག་དུས་ནང་ལ་ལོག་རྒྱུ་འབྱུང་ན་བསམ་བྱས་བསྡད་ཡོད།
ལྷ་སའི་ལོ་གསར་མཚན་ཚོགས་ཆེ་མོའི་སྡིང་ཆའི་སྒང་ལ།
ག་དུས་གོམ་པ་སྤོ་རྒྱུ་འབྱུང་ན་རྔམ་བྱས་བསྡད་ཡོད།
Verse-3
ལྷ་ས་ཐལ་སྤུངས་སྒང།
ཕྱག་འཚལ་ལམ་གྱི་ཕྱི་སྒོ་བརྒྱད་པ།
ནང་གསེས་བཅུ་བཞིའི་དེའི་ཁ་འཕྲོད་དེར།
ཏག་ཏག་ཁ་ཆེའི་ལྷ་ཁང།
འདིའི་འོག་དེར་ཟ་ཁང་གཅིག་བྱས།
འདིའི་གཞོགས་དེར་བྱ་འཕིར་འཚོང་མཁན་གཅིག་བྱས།
ངའི་ནང་འོ་དེར་ཡོག་རེད།
གཅུང་པོ་ལྷ་སའི་ག་ནས་ཡིན་པཱ།
Verse-4
ང་ལྷ་ས་ཁྲོམ་གཟིགས་ཁང།
ཞྭ་སྒབ་པའི་ནང་བསྡད་ཀྱི་ཡོད་ཅོག།
འོ་དེར་རྡོ་ཐ་བཙོང་མཁན་མང་པོ་ཡོག་རེད།
འཁྲུག་པོ་ཡོག་རེད།
རྐུན་མ་ལའི་ཨོའུ་ཙམ་ཡོག་རེད།
གཟབ་གཟབ་མ་བྱས་ན་སྦ་ཁུག་བཀྱག་གི་རེད།
ལོ་གསར་གྱི་རྐེད་མཚམས་དེ་ལ།
མིས་ཁེངས་བྱས་ཐར་གྱི་མ་རེད།
དེ་ནས་མར་བྱས་ཤ་གསར་ཟུར་དེར།
ཞོག་ཁོག་བཀྲག་རྒྱུའོ་ཞིམ་པོ་ཞིག་ཡོག་རེད།
ད་ད་ལྟ་ཡོད་ན་མེད་ན།
སྔོན་མ་རྟག་པར་ཉོ་གར་འགྲོ་གི་ཡོད།
རོགས་པ་དང་མཉམ་དུ་སྒོ་རའི་སྒོ་འགྲམ་ལ།
ཁ་བརྡར་གློད་བྱས་བསྡད་ཀྱི་ཡོད།
མི་ཞེ་དྲག་མེད་དུས་མཚམས་མཚམས།
སྤོ་ལ་ར་བརྒྱབ་བྱས་བསྡད་མཁས་བྱེད་ཀྱི་ཡོད།
Verse-5
ཆུང་དུས་ཀྱི་འཚོ་བ་དེ་ཚོ།
དངོས་གནས་སྐྱིད་པོ་རེད་གདའ་གཅུང་པོ།
ད་ད་ལྟ་ག་པར་སླེབས་ནའི།
སྐྱིད་ཤོས་ལྷ་ས་རེད་མི་འདུག་གེ།
མིའི་ལུང་པར་ག་ཚོད་ཡོག་རེད་ཟེར།
ལབ་མཁས་བྱས་ནའི་དེ་འདྲའི་ཅིག་མ་རེད་པེ།
རང་ཡུལ་གྱི་སྐྱིད་ལོས་འདི་འདྲས་གཅིག་ཏ།
ག་པར་འཚོལ་ཡས་ཡོག་རེད།
Hook
ང་གཉིས་སྐྱེ་ས་ཕ་ཡུལ་ཆོས་ལྡན་ཞིང་ཁམས་དེ།
འཛམ་གླིང་ཡུལ་གྲུ་ཀུན་ལས་མཛེས་པའི་གྲོང་ཁྱེར་ལྷ་ས།
ང་གཉིས་སྐྱེ་ས་ཕ་ཡུལ་ལྷ་ས་ཡིན་ནའི།
ད་ཆ་མི་ཡི་ལུང་པར་བསྡད་དུས་སེམས་པ་སྐྱོ་གི།
ཉིན་མཚན་མེད་པར་ང་ཡི་སེམས་པའི་ནང་དུ།
ཕ་ཡུལ་ལྷ་ས་དྲན་བྱས་མིག་ནས་མིག་ཆུ་ཤོར་གྱི།
པོ་ཏ་ལ་ཡི་མདུན་ནས་སྤོའོ་ལགས་རྨོའོ་ལགས་ཚོ།
ཞབས་བསྐོར་ཐད་དུས།
ཆུང་དུས་སྐབས་ཀྱི་འཚོ་བ་སྣ་ཚོགས་སེམས་ནང་དྲན་གྱི།
མི་ཡི་ལུང་པ་སྐྱིད་པོ་ག་ཚོད་འདུག་བསམ་ནའི།
ག་དུས་ནང་ལ་ལོག་རྒྱུ་འབྱུང་ན་བསམ་བྱས་བསྡད་ཡོད།
ལྷ་སའི་ལོ་གསར་མཚན་ཚོགས་ཆེ་མོའི་སྡིང་ཆའི་སྒང་ལ།
ག་དུས་གོམ་པ་སྤོ་རྒྱུ་འབྱུང་ན་རྔམ་བྱས་བསྡད་ཡོད།
滚动歌词贡献者:岗 • 拉贵
调整歌词贡献者:岗 • 拉贵
歌词大意;我俩出生的地方,世界上最美丽的城市拉萨。虽然我出生在拉萨。现在住在别的地方,心里很难过。我俩还没到拉萨。没多久了?你在拉萨怎么样还记在心里。现在我已经忘记了一些。不记得怎么样了。不说的时候就这样吧。不记得有没有。如今大拉萨完全变了样,创造新的,不好好坐着。我俩小时候的那个时候。他不在。在这条街上,现在看不到了。也就是说放在一起。创造了一个巨大的市场。到街上去买东西。太贵了。在你买桌子之前说会晕倒。帮我怎么样?就像以前一样。冰块做了五桌。能买到的这块表。一个现在看不见的工场。在交通和生活方面,有了很大的进步,让这个脑海中的拉萨。活跃了好几倍。社会发生了变化,这颗心没有改变。我出生在拉萨。尾巴死了也是拉萨。日日夜夜在我心中。思念家乡拉萨,热泪盈眶。在布达拉宫前,婆婆们。当承载底部时。小时候的种种生活都记在心里。哦!你弟弟说的这些都是我听到的。你会听到的拉萨还有什么没变?外国餐特别。什么都可以。而且KFC吉达。到西藏去了一趟。但是腊的藏面和喇叭裤的味道。坐在这儿。每个人都像往常一样。围场结束时喝了甜茶。生活不再像以前那样,紧张起来了。但是腊大昭寺前面的。这个夏天没有受到惩罚。一切六种众生,说从痛苦中解脱出来。祈祷着祈祷着。我们民族的特点,还叫拉的住处。拉萨这么高的房子。建了很多。看看地图。红宫的雄伟。坐在这儿。背底的。在这些老人之后,继续啊。而且现在年轻人,比以前更虔诚了。我俩的老家拉萨。世界上最好的。除非现在的回去了。想拉萨很快就疯了。人山人海多好玩啊想着什么时候能回家。在拉萨的新年晚会上,什么时候有步子就馋着。拉萨灰堆拜道八号外门。在第十四款的标题中,正是卡奇神社。在这下面把它作为一个餐厅。这一边是一个卖鸡蛋的。我家就是那个吻弟弟是拉萨哪里人?我是拉萨街景。坐在帽子里。那里有很多卖烟草的。很热闹。对小偷来说还可以。一不小心就会把藤袋提起来。在新年的腰部。人是逃不过的。然后在那块奶油鲜肉上。薯条会很好吃的。现在有没有。以前经常去逛街。和同伴在院子门口。闲聊着。人不多的时段擅长踢足球。那些童年的生活。真好玩,小家伙。现在走到哪里。最幸福的不是拉萨吗?人谷多少钱?吹牛也不是那么回事。乡下的快乐当然就是这样。去哪里找啊我俩出生的法界,世界上最美丽的城市拉萨。虽然我出生在拉萨。现在住在人山人海,心里很难过。日日夜夜在我心中。思念家乡拉萨,热泪盈眶。在布达拉宫前,老人们。当承载底部时。小时候的种种生活都记在心里。人山人海多好玩啊想着什么时候能回家。在拉萨的新年晚会上,什么时候有步子就馋着。
-JiAnG-sAnG-:爱听
次拉爱听音乐日下:好听,简直是百听不厌
爱拼才会赢5:忆拉萨盼拉萨爱拉萨
Gt88_Yu:这首歌真的顶
知名中二:歌词最后有账号已注销:好听!!!可以给个翻译吗[多多可怜][多多可怜][多多可怜][多多可怜][多多可怜]
