与爱同行伴奏_嘎色拉姆_仁多,阿克卓巴乐队
歌 词
作词 : 王付/阿克卓巴乐队
作曲 : 阿克卓巴乐队
编曲 : 阿克卓巴乐队
བརྩེ་བས་ལྷན་དུ་འགྲོགས།
གཞས་ཚིག་ ཝང་ཧྥུའུ་། སྐལ་བཟང་བཀྲ་ཤིས།
གཞས་གདངས་ སྐལ་བཟང་བཀྲ་ཤིས།
ལེན་མཁན། དཀར་གསལ་ལྷ་མོ། རིན་རྡོར།
ང་ཡི་སེམས་ལ་
རབ་གསལ་གྱི་སྒོ་ཞིག་ཕྱེ་
ང་ཡི་མུན་ནག་གི་འཇིག་རྟེན་ལ་
མུན་སེལ་གྱི་སྒྲོན་མེ་སྤར་
ཤེས་རིག་གི་སྒྲོན་
ཀུན་གསལ་གྱི་སྒྲོན་
བདེ་བ་ཐམས་ཅད་ལག་གིས་རེག་དུ་བཅུག་
ང་ཡི་དོན་དུ་ཁྱེད་ཀྱིས་འབད་
དཀའ་བ་ཁྲི་སྟོང་བཅད་
ང་ཡི་ཕུགས་བསམ་ལ་
བདེན་པའི་ལམ་ཞིག་སྐྲུན་
ཐོས་རྒྱུ་མེད་པའི་འཇིག་རྟེན་ལ་
དབྱངས་གསལ་གྱི་སྒྲ་ཞིག་ཐོས་སུ་བཅུག་
བརྩེ་བས་ཕྱུགས་
དུང་བས་ཕྱུགས་
ལག་ཟུང་དྲོད་མོས་ང་ལ་གསུང་བྱུང་
ཁྱེད་ཀྱི་མི་ཚེ་མཚར་སྡུག་ལྡན་
མཚར་སྡུག་རྣམ་པར་བཀྲ་
འདི་གར་ནི་ཤེས་བྱ་ཡི་དོ་ར་
བརྩེ་བའི་ཞིང་ཁམས་
རིན་ཐང་ཞིག་འདི་ནས་འཚོལ་ཐུབ་
བརྩེ་བ་ཞིག་འདི་ནས་རྙེད་ཐུབ་
མཐོ་སྒང་ཁ་བའི་ལྗོངས་འདིར་་
བརྩེ་བས་སློབ་གསོ་སྐྲུན་
查看完整歌词
网友热评
