安多白玛青少年_阿克卓巴乐队
编曲 : 阿克卓巴乐队
ན་ཆུང་གཞོན་ནུ།
ཚིག བོན་འཁྱམས།
གཞས་པ། ཨ་མདོའི་པདྨ།
ན་ཆུང་གཞོན་ནུ།
མ་འདུག་སློབ་གྲྭ་ཕེབས་དང་།།
དབྱངས་གསལ་སོ་བཞིའི་ཞལ་ངོ་མཇལ་ཡོང་།།
ཞལ་ངོ་བརྒྱ་མཇལ་སྟོང་མཇལ།།
མེས་པོའི་བློ་གྲོས་མཇལ་ཡོང་།།
དགུང་སྟོད་སྟག་སྒམ་གཟིག་སྒམ་རེད།།
ཕོ་མཐུང་སྒམ་གྱི་ལྡེ་མིག་རེད།།
ཕྱི་མཛེས་ཕྱི་ཡི་ལྕག་རི་རེད།།
ནང་མཛེས་ནང་གི་ནོར་བུ་རེད།།
ན་ཆུང་གཞོན་ནུ།
མ་ཉལ་སློབ་གྲྭ་ཤོག་དང་།།
ཀ་མིད་སུམ་ཅུའི་སྒྲ་དབྱངས་ཐོས་ཡོང་།།
སྒྲ་དབྱངས་གཅིག་ཐོས་གཉིས་ཐོས།།
ཕ་མེས་གཏམ་རྒྱུད་ཐོས་ཡོང་།།
གངས་སྟོད་སྟག་སྒམ་གཟིག་སྒམ་རེད།།
སེང་ཆུང་སྒམ་གྱི་ལྡེ་མིག་རེད།།
ཕྱི་མཛེས་ཕྱི་ཡི་ལྕག་རི་རེད།།
ནང་མཛེས་ནང་གི་ནོར་བུ་རེད།།
འབྲོ་སྟོད་སྟག་སྒམ་གཟིག་སྒམ་རེད།།
འབྲོ་བ་སྒམ་གྱི་ལྡེ་མིག་རེད།།
ཕྱི་མཛེས་ཕྱི་ཡི་ལྕག་རི་རེད།།
ནང་མཛེས་ནང་གི་ནོར་བུ་རེད།།
དྲི་ཞིམ་སྤོས་དང་མར་མེ།
བརྙན་པ་དངུ་དང་རྒྱང་ལེན་
安多牧人1:永远支持你,继续加油!
野草音乐吧:好听
pete-TaShi:第九
善心为主:弟八
Hunter-tibet:第一
