九眼抛石绳_阿克卓巴乐队
编曲 : 阿克卓巴乐队
འུར་རྡོ་ཆུ་མིག་དགུ་སྒྲིལ།
九眼抛石绳
ཚིག བོན་འཁྱམས།
作词:本强
དབྱངས། ཨ་མདོའི་པདྨ།
作曲:安多白玛
གཞས་པ། ཨ་མདོའི་པདྨ།
演唱:安多白玛
རོལ་མོ་སྒྲིག་སྦྱོར་བ།
编曲制作:罗俊
སྒྲ་ལེན་ཞིབ་སྦྱོར་བ།
录音混音:101 studio小贝
སྤང་རི་སྤང་གི་སྤང་འདབ་ན།།
གཡང་དཀར་འབའ་སྐད་ལྷང་སེ་ལྷང་།།
རི་ཆེན་སྨུག་པའི་སྨུག་ཀློང་ན།།
རྫི་བོའི་རྫི་གླུ་སྙན་སེ་སྙན།།
འུར་རྡོ་ཆུ་མིག་དགུ་སྒྲིལ་གྱིས།།
འཕྱོར་ཆས་སྤྲས་པའི་བ་འབྲོག་མོ་འདི།།
གཡང་དཀར་ལུག་ཁྱུའི་རྫི་བོ་སྟེ།།
རྩྭ་ཐང་འདི་ཡི་བདག་མོ་ཡིན།།
རྫ་རི་རྫ་ཡི་རྫ་བཤམ་ན།།
ནག་ཆུང་ངུར་སྒྲ་གྲག་སེ་གྲགས།།
རྫ་ཆེན་རྫ་རིིའི་རྫ་རྩེ་ན།།
སྟག་ཤར་ཀི་སྒྲ་ལྷང་སེ་ལྷང་།།
འུར་རྡོ་ཆུ་མིག་དགུ་སྒྲིལ་གྱིས།།
དགྲ་ལྷ་དར་བའི་སྟག་ཤར་འདི།།
ནག་ཆུང་ནོར་གྱི་རྫི་བོ་སྟེ།།
རྩྭ་ཐང་འདི་ཡི་བདག་པོ་ཡིན།།
ཚག་ཚག་སྒྲ་ཡི་སྒྲ་སྐུད་ནས།།
རྡོ་ཆུང་བཤི་སྒྲ་ཤུག་སེ་ཤུག
ལན་གསུམ་རྡེབ་པའི་རྡེབ་ཚག་གིས།།
སྒོ་ཟོག་ཁྱུ་ཚོགས་ལྷས་ལ་ཕབས།།
འུར་རྡོ་ཆུ་མིག་དགུ་སྒྲིལ་གྱིས།།
འཚོ་བཅུད་བསྐྲུན་པའི་གཏམ་རྒྱུད་འདི།།
འབྲོག་པ་མེས་པའི་ཞལ་ངག་ནས།།
ཡང་ཡང་ཐོས་བའི་དབྱངས་ཀྱང་ཡིན།།
羌嘎尔玛:好听
安多牧人1:老乡,永永远远支持
故乡白杨树:百听不厌,支持多多更新
慶_--:锅庄火了[多多耍酷]
duo南_OozN:好听支持
